<legend id="h4sia"></legend><samp id="h4sia"></samp>
<sup id="h4sia"></sup>
<mark id="h4sia"><del id="h4sia"></del></mark>

<p id="h4sia"><td id="h4sia"></td></p><track id="h4sia"></track>

<delect id="h4sia"></delect>
  • <input id="h4sia"><address id="h4sia"></address>

    <menuitem id="h4sia"></menuitem>

    1. <blockquote id="h4sia"><rt id="h4sia"></rt></blockquote>
      <wbr id="h4sia">
    2. <meter id="h4sia"></meter>

      <th id="h4sia"><center id="h4sia"><delect id="h4sia"></delect></center></th>
    3. <dl id="h4sia"></dl>
    4. <rp id="h4sia"><option id="h4sia"></option></rp>

        བོད་ཀྱིས་མཉམ་འགུལ་འཛད་སྤྱོད་ཀྱི་རྣམ་པ་གསར་པ་བཏོད་པ།

        发布时间:2023年03月03日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

        རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་གསར་པར་སླེབས་པ་ནས་བཟུང་། བོད་ཀྱི་གནས་རྟགས་ཚོང་ལས་ཁུལ་ཆེན་པོ་ཁག་དང་ཁྱད་ལྡན་ཁྲོམ་གཞུང་སོགས་སྒོ་དབྱེའི་རྣམ་པའི་འཛད་སྤྱོད་བྱ་ཡུལ་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་མཉམ་འགུལ་རྣམ་པའི་འཛད་སྤྱོད་ཀྱི་རྣམ་པ་གསར་པ་བཏོད་པ་མ་ཟད། ཚོང་ལས་དང་། ཡུལ་སྐོར། རིག་གནས། ལུས་རྩལ་བཅས་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་བཏང་ཞིང་། བར་མཐོངས་ཀྱི་རྣམ་པར་བརྟེན་ནས“IPཅན”དང་། རྣམ་པ་ཅན། སྤུས་རྟགས་ཅན་སོགས་ཀྱི་གཞི་རྒྱུ་བསྣན་པའི་གྲངས་འཛིན་འཛད་སྤྱོད་ཀྱི་རྣམ་པ་གསར་པ་བཏོད་དེ་དྲ་ཐོག་ཚོང་ལས་ཀྱི་འཛད་སྤྱོད་རིམ་བཞིན་སྣ་མང་དང་། རིག་ནུས། ལྗང་མདོག ཆ་ཚང་བར་མྱོང་རོལ་བྱེད་པ་བཅས་ཀྱི་ཁ་ཕྱོགས་སུ་འཕེལ་རྒྱས་བཏང་ཡོད།

         འཛད་སྤྱོད་ལ་སྔར་བས་གདེང་ཚོད་དང་ཡིད་ཆེས་དེ་བས་ཆེ་བ་ཡོང་ཆེད། བོད་ཀྱིས་དཔལ་འབྱོར་བརྟན་གཏོང་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ལ་དམིགས་ཏེ་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་འཛད་སྤྱོད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་དང་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག་སོགས་ཀྱི་ཡིག་ཆ་སྔ་རྗེས་སུ་བཟོས་པ་དང་། མ་དངུལ་སྒོར་དུང་ཕྱུར་2.71དོན་འཁྱོལ་བྱས་ཏེ“ཁེ་ལས་ལ་རོགས་སྐྱོར་དང་དམངས་ལ་ཕན་འདོགས་པ། དགའ་སྤྲོའི་ངང་ནས་བོད་དུ་ཉོ་སྒྲུབ་བྱེད་པའི”འཛད་སྤྱོད་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ས་གནས་དང་གྲོང་ཁྱེར་ཁག་གིས་དམངས་ཕན་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པ་དང་། དུས་ཆེན་རིང་གི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་མིའི་འཛད་སྤྱོད་ཀྱི་འདུན་པ་ཆེ་རུ་གཏོང་བ། འཛད་སྤྱོད་ཀྱི་ཡིད་ཆེས་འཕེལ་བ་བཅས་བྱས་ཡོད།

        ཟླ་2ཚེས་6ཉིན་འཚོགས་པའི་2023ལོའི་བོད་ཀྱི་ཚོང་དོན་ལས་དོན་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་ཁྲེན་ཅུན་གྱིས་བསྟན་དོན། བོད་ཀྱིས་ནུས་ཤུགས་ཡོད་རྒུས་ནང་མཁོ་རྒྱ་ཆེར་བཏང་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། འཛད་སྤྱོད་ལ་བརྟེན་ནས་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། གྲོང་ཁྱེར་གྱི་དམངས་ཕན་ཚོང་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྐང་ཐང་ཁྲོམ་གཞུང་གང་མགྱོགས་འཕེལ་རྒྱས་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བཅས་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་ཁ་གསབ་ཀྱི་ཆེད་དོན་མ་དངུལ་དོན་འཁྱོལ་ཡག་པོ་བྱས་ཏེ་འབྲེལ་གཏུག་དང་། གཅིག་སྡུད། སྐོར་སྐྱོད་བཅས་རྣམ་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་གཤམ་སྐྱེལ་གྱི་ཁ་གསབ་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་འཛད་སྤྱོད་ཀྱི་གཙོ་བོའི་རིགས་དང་གླེང་མང་བའི་ཁྱབ་ཁོངས་ལ་དམིགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་དྲ་རྒྱའི་བྲིན་ཚོང་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། གུང་གསེང་དཔལ་འབྱོར་དང་། མཚན་མོའི་དཔལ་འབྱོར། སྐྱས་ཁྲོམ་དཔལ་འབྱོར་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལྗང་མདོག་སྤུས་རྟགས་ཀྱི་འཛད་སྤྱོད་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ས་གནས་ཀྱི་ཚོང་དོན་འཁོར་རྒྱུག་ཁེ་ལས་སྐྱེད་སྲིང་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འཛད་སྤྱོད་དེ་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་གཞི་རྩའི་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས།

        རྩོམ་སྒྲིག་པ།བསྟན་འཛིན་སྒྲོལ་མ།



        微信

        抖音

        邮箱

        邮箱地址:xzwxbjb@sina.com