<legend id="h4sia"></legend><samp id="h4sia"></samp>
<sup id="h4sia"></sup>
<mark id="h4sia"><del id="h4sia"></del></mark>

<p id="h4sia"><td id="h4sia"></td></p><track id="h4sia"></track>

<delect id="h4sia"></delect>
  • <input id="h4sia"><address id="h4sia"></address>

    <menuitem id="h4sia"></menuitem>

    1. <blockquote id="h4sia"><rt id="h4sia"></rt></blockquote>
      <wbr id="h4sia">
    2. <meter id="h4sia"></meter>

      <th id="h4sia"><center id="h4sia"><delect id="h4sia"></delect></center></th>
    3. <dl id="h4sia"></dl>
    4. <rp id="h4sia"><option id="h4sia"></option></rp>

        ཡ་རབས་ངང་འགྲོ་སྐྱོད་བྱས་ནས་བདེ་འཇགས་ཐོག་ཁྱིམ་དུ་ལོག་དགོས།

        发布时间:2023年02月19日 文章来源:

        ཡ་རབས་ངང་འགྲོ་སྐྱོད་བྱེད་པ་ནི་སྤྱི་དམངས་ཡོངས་ཀྱིས་འཁུར་དགོས་པའི་འགན་འཁྲི་ཞིག་རེད་ལ། བདེ་འཇགས་ཐོག་ཁྱིམ་དུ་ལོག་རྒྱུ་ནི་རྒྱ་ཆེའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཞིག་ཀྱང་རེད། བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར། ཕ་མ་བུ་ཕྲུག་མཉམ་འཛོམས་བྱེད་པའི་དུས་བཟང་ཞིག་ཡིན་པས་མི་རྣམས་ཕན་ཚུན་འགྲོ་འོང་བྱེད་པའི་མཐོ་རླབས་ཞིག་ཏུ་སླེབས་ཡོད། དེ་བས་ཡ་རབས་ངང་འགྲོ་སྐྱོད་བྱས་ཏེ་བདེ་འཇགས་ཐོག་ཁྱིམ་དུ་ལོག་ཐུབ་པ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་རེད།

        ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་དང་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བ། དེ་བཞིན་སྤྱི་དམངས་ཀྱི་བྱང་ཚད་རིམ་བཞིན་གོང་མཐོར་འགྲོ་བ་དང་བསྟུན་ནས་ཡ་རབས་ངང་འགྲོ་སྐྱོད་བྱེད་པའི་འདུ་ཤེས་དེ་ཉིན་རེ་ལས་མ་འདས་པར་མི་སེམས་ལ་ཟུག་ཡོད་ཀྱང་། ང་ཚོས་ཚུལ་མིན་གྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཁག་ཅིག་སྔར་བཞིན་མཐོང་དང་མཐོང་མུས་ཡིན་ཏེ། ཁ་ལོ་བ་འགས་བདེ་འཇགས་སྲུང་ཐག་མ་བཅིངས་པ་དང་ཆང་རག་བཏུང་བ། ལག་འཁྱེར་མེད་པ་སོགས་ཀྱིས་རླངས་འཁོར་བཏང་ན་འགྲིམ་འགྲུལ་ལས་འཛོལ་ལྷག་གི་མ་རེད་སྙམ་པའི་རྨོངས་ཚོད་ཀྱིས་ཡིད་ཆེས་དང་། ཡང་སྦག་སྦག་དང་གློག་སྒུལ་གཏོང་མཁན་འགས་སྟབས་བདེ་ལ་བརྟེན་ནས་གློག་དམར་ལས་བརྒལ་བ་དང་རླངས་འཁོར་གཞན་གྱི་མདུན་བརྒལ་བཅས་བྱས་ན་གནས་ཚུལ་ལྷག་གི་མ་རེད་སྙམ་པའི་བསམ་བློ། དེ་བཞིན་འགྲོ་སྐྱོད་མི་སྣ་འགས་འགྲིམ་འགྲུལ་ཁྲིམས་སྲོལ་ཁག་ནང་མི་གཙོ་བོར་འཛིན་རྒྱུ་གཏན་འབེབས་བྱས་ཡོད་པས། ཁ་ལོ་བ་ཡོངས་ཀྱི་ཁྲིམས་བཞིན་སྲུང་བརྩི་ཞུ་ངེས་རེད་སྙམ་ནས་རླངས་འཁོར་དཀྱིལ་དུ་འགྲོ་སྐྱོད་བྱེད་པ་དང་གློག་དམར་ལས་བརྒལ་བ། ལམ་དཀྱིལ་གྱི་ལྕགས་དྲ་ལས་མཆོངས་པ་བཅས་ཀྱི་བྱ་སྤྱོད་ངན་པ་གང་བྱུང་དུ་མཐོང་རྒྱུ་ཡོད། དེར་བརྟེན་བདེ་འཇགས་དང་ཁྲིམས་སྲུང་གཉིས་མཉམ་དུ་གནས་པ་དང་།  དོན་རྐྱེན་དང་ཁྲིམས་འགལ་གཉིས་ཀྱང་གཅིག་ཐོག་གཅིག་སྦྲེལ་ཡིན་པས་འགྲིམ་འགྲུལ་ལ་ཞུགས་མཁན་གྱིས“གནང་དག་བྱེད་ཀྱི་མ་རེད”“ཐེངས་གཅིག་རང་ཡིན”སྙམ་པའི་སྟེས་དབང་གི་བསམ་པས་འགྲིམ་འགྲུལ་ཁྲིམས་སྲོལ་ལ་སྣང་ཆུང་བྱེད་པའི་བྱ་སྤྱོད་དེ་དག་ནི་འགྲིམ་འགྲུལ་དོན་རྐྱེན་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

        ང་ཚོས་རང་འགུལ་ངང་འགྲིམ་འགྲུལ་ཁྲིམས་སྲོལ་དང་འགྲིམ་འགྲུལ་བདེ་འཇགས་རྒྱུན་ཤེས་ལ་སློབ་སྦྱོང་བྱེད་པར་ཤུགས་སྣོན་རྒྱབ་ནས་རང་ངོས་ནས་འགོ་འཚུགས་ཏེ་འགྲིམ་འགྲུལ་ཁྲིམས་སྲོལ་ལ་སྲུང་བརྩི་བྱེད་དགོས་ཏེ། གློག་དམར་ལས་མ་བརྒལ་བ་དང་ལམ་དཀྱིལ་དུ་གང་བྱུང་དུ་མ་འཛུལ་བ། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་མི་གཏོང་བ། ཆང་རག་བཏུང་ནས་རླངས་འཁོར་མི་གཏོང་བ། ཁ་ལོ་བའི་ལག་འཁྱེར་མེད་པར་རླངས་འཁོར་མི་གཏོང་བ་བཅས་བྱེད་པ་མ་ཟད། རང་རྟོགས་ངང་ཡ་རབས་ཀྱི་འགྲིམ་འགྲུལ་ལག་བསྟར་མཁན་དང་ཐེ་ཞུགས་མཁན། རྒྱབ་སྐྱོར་མཁན་བཅས་ཆགས་པ་བྱས་ཏེ་རང་ངོས་ནས་འགོ་བརྩམས་ཏེ་མི་ཚང་མར་ཁྲིད་སྟོན་གྱི་ནུས་པ་འདོན་དགོས་ལ། ཡ་རབས་ཀྱི་འགྲོ་སྐྱོད་བྱེད་པ་ནི་ནམ་རྒྱུན་འཚོ་བའི་ཁྲོད་གོམས་གཤིས་ཤིག་ཏུ་ཆགས་པ་བྱས་ནས་དགའ་སྤྲོའི་ངང་ཕྱིར་སྐྱོད་བྱེད་པ་དང་བདེ་འཇགས་ཐོག་ནང་དུ་ལོག་ཐུབ་པ་དགོས།

        ཡ་རབས་ངང་འགྲོ་སྐྱོད་བྱེད་པ་ནི་རང་ཉིད་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། དེ་བས་མི་གཞན་གྱིས་ཚེ་སྲོག་ལ་བརྩི་བཀུར་བྱེད་པ་མཚོན། ཚང་མས་ཚུལ་མིན་གྱི་འགྲིམ་འགྲུལ་བྱ་སྤྱོད་དག་དོར་བ་དང་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བཀག་འགོག་བཅས་བྱས་ནས། ཡ་རབས་ཀྱི་འགྲིམ་འགྲུལ་འདུ་ཤེས་ཏན་ཏིག་ངང་གོང་མཐོར་བཏང་སྟེ་ཡ་རབས་ངང་འགྲོ་སྐྱོད་བྱས་ཚེ། གཞི་ནས་བདེ་འཇགས་ཐོག་ཁྱིམ་དུ་ལོག་ཐུབ། ལྷག་པ་བུ་ཁྲིད།

        微信

        抖音

        邮箱

        邮箱地址:xzwxbjb@sina.com