<legend id="h4sia"></legend><samp id="h4sia"></samp>
<sup id="h4sia"></sup>
<mark id="h4sia"><del id="h4sia"></del></mark>

<p id="h4sia"><td id="h4sia"></td></p><track id="h4sia"></track>

<delect id="h4sia"></delect>
  • <input id="h4sia"><address id="h4sia"></address>

    <menuitem id="h4sia"></menuitem>

    1. <blockquote id="h4sia"><rt id="h4sia"></rt></blockquote>
      <wbr id="h4sia">
    2. <meter id="h4sia"></meter>

      <th id="h4sia"><center id="h4sia"><delect id="h4sia"></delect></center></th>
    3. <dl id="h4sia"></dl>
    4. <rp id="h4sia"><option id="h4sia"></option></rp>

        སྲིད་ཇུས་ཀྱི་ཁེ་འབབ་སྤྲད། ཁེ་ལས་ཀྱི་འགུལ་ནུས་འཕེལ།

        发布时间:2023年02月17日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

        ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་ཀྱི་ཁེ་འབབ་ཐད་ཀར་ཁྲོམ་རའི་བྱེད་པོར་འཐོབ་ཐབས་བྱས་ནས། ཁྲལ་འཇལ་མཁན་གྱིས་དེ་བས་ལེགས་པ་དང་དེ་བས་སྙིང་ཉེ་བའི་ཉམས་ལེན་ཐུབ་ཆེད། 2022ལོར་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས“མྱུར་པོ་དང་། གནད་འཁེལ། བརྟན་པོ། ཡག་པོ”བཅས་ཀྱི་ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ལོངས་སྤྱོད་ཀྱི་མྱུར་ཚད་མཐོ་རུ་གཏོང་བ་དང་། རེ་ཞུའི་ཐབས་ལམ་ལེགས་སུ་གཏོང་བ། སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཚོགས་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ནུས་ལྡན་བྱས་ནས་ཁྲོམ་རའི་བྱེད་པོར་དཀའ་ངལ་སེལ་རོགས་ཧུར་ཐག་བྱས་ཡོད།

        རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་གྲོན་སྲིད་ཇུས་ཆེ་གྲས་9ཚུད་པའི་དམིགས་ཚད་མཚོན་རྟགས་མ་ལག་བཙུགས་ནས་གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་དུས་ཚོད་དེ་ཉིན་གཉིས་བར་ཐུང་དུ་བཏང་བ་དང་། “12366”ཁྲལ་འཇལ་གྲོན་འཇལ་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལྟེ་གནས་ཀྱིས“5Gམྱུར་འདྲིའི”རྒྱང་རིང་རམ་འདེགས་ལས་སྟེགས་ཧུར་ཐག་སྤྱད་དེ་སྒྲ་དང་བརྙན་ལམ་སྤེལ་རེས་དང་དྲ་ཐོག་ནས་ལན་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྲལ་འཇལ་མཁན་གྱིས་སྲིད་ཇུས་ལ་རྒྱུས་མངའ་མེད་པ་དང་རེ་ཞུའི་ཐད་ནོར་འཁྲུལ་ཐོན་སླ་བ་སོགས་ཀྱི་དཀའ་གནད་ལ་འགྲེལ་བཤད་བརྒྱབ་ནས“འདྲི་སྒྲུབ་ཟུང་འབྲེལ”ལ་སྐུལ་འདེད་བཏང་བ་དང་།  རེ་ཞུའི་ཐབས་ལམ་མགྱོགས་མྱུར་ཤར་གཏོང་བྱས་ནས། ནོར་དོན་སྙན་ཞུའི་རེའུ་མིག་རང་འགུལ་ངང་བརྗེ་སྒྱུར་དང་རིག་ནུས་ལ་བརྟེན་ནས་སྙན་ཞུའི་རེའུ་མིག་འབྲི་རྒྱུར་སྐུལ་འདེད་བཏང་སྟེ་རེ་ཞུའི་དུས་ཚོད་ཆ་སྙོམས་60%ཐུང་དུ་བཏང་བ། མི་དམངས་དངུལ་ཁང་དང་མཉམ་དུ་ཞིང་ཆེན་བསྒྲལ་ནས་ས་ཆ་གཞན་དུ་གློག་རྡུལ་ཁྲལ་དངུལ་འཇལ་རྒྱུར་སྐུལ་འདེད་བཏང་བ་དང་། ཚོང་ལས་དངུལ་ཁང་11གིས་མ་ལག་སྒྱུར་བཅོས་བྱེད་པར་མཐུན་སྦྱོར་བྱེད་པ། ས་ཆ་གཞན་དུ་ཁྲལ་དངུལ་ཁག་154འཇལ་བ། མཛོད་བཅུག་ཁྲལ་དངུལ་སྒོར་ཁྲི་2581ཟིན་པ། ཡུལ་གཞན་གྱི་ཁྲལ་དངུལ་མང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ། ཡུལ་བབ་དང་བསྟུན་ནས་ས་ཁུལ་ཁག་གི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་མཉམ་དུ“ཉི་འོད་རིག་ནུས་དཔྱ་ཁྲལ”དང“ཡ་ལུང་eདཔྱ་ཁྲལ” “ཧུའུ་ཧྥུང་གིས་དཔྱ་ཁྲལ་གླེང་བ”སོགས་ཐད་གཏོང་ལེ་ཚན་བཏོད་པ་དང་། “གཡང་སྒྲོན་གྱི་ལས་གཏོད་གཞུང་ལས་ཁང”གཉེར་བ། “ལས་དོན་ཐག་གཅོད་མི་ཐུབ་པ་ཡོད་ཚེ་ང་འཚོལ་བར་ཕེབས་དང”ཞེས་པའི་སྐར་ཁུང་འཛུགས་པ་བཅས་བྱས་ནས། ཁྲལ་འཇལ་མཁན་དང་འགྲོ་གྲོན་འཇལ་མཁན་ལ་རེ་ཞུ་བྱེད་ས་ཡོད་པ་དང་བསམ་འཆར་ཉན་མཁན་ཡོད་པ་བྱས་ཏེ་རེ་ཞུ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད།

        2022ལོར་ལྗོངས་ཡོངས་སུ་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་དང་ཁྲལ་གྲོན་འགྱངས་འཇལ་སྒོར་དུང་ཕྱུར་92.11ལྷག་ཙམ་ཟིན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་ཁྲལ་སློག་སྒོར་དུང་ཕྱུར་4.89ཟིན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཀར་འཇུག སྦྲག་སྲིད་ལས་རིགས་བཅས་ཀྱི་ཁྲལ་སློག་སྒོར་དུང་ཕྱུར་1.97ཟིན་པ། གློག་ཤུགས་དང་། ཚ་ཤུགས། འབར་རླངས། དེ་བཞིན་ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་ཁྲལ་སློག་སྒོར་དུང་ཕྱུར་40.76ཟིན་པ། སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་ཁྲལ་སློག་སྒོར་དུང་ཕྱུར་5.06ཟིན་པ་བཅས་བྱུང་ནས་ཁྲོམ་རའི་བྱེད་པོ་དཀའ་གནད་ལས་སྒྲོལ་རོགས་བྱས་ཡོད།

        རྩོམ་སྒྲིག་པ། བསོད་སྒྲོན།

        微信

        抖音

        邮箱

        邮箱地址:xzwxbjb@sina.com